ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-02-02ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
              ཟླ་1ཚེས་30ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
              ཟླ་1ཚེས་30ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། འཐབ་རྩོད་བྱེད་ཕོད་པ་དང་རལ་གྲི་གཤོམ་ཕོད་པ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་སྙིང་སྟོབས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ། གངས་ལྗོངས་ས་མཐོའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་གང་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
              ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
              ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པ་དང་། གནད་དོན་ལ་ཐད་ཀར་ཕྱོགས་པ། ཚིག་སྦྱོར་སྙན་ལ་མཛེས་པ། ཐུགས་བཟང་ཚིག་ནན། བསམ་གཞིག་ཟབ་མོ་བཅས་ཀྱི་གསུང་བཤད་གལ་ཆེན་དེས་རང་རེའི་ཏང་གི་རང་གིས་རང་གཙང་བཟོ་བྱེད་པ་དང་། རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་གསར་སྒྱུར་བྱེད་པ། རང་གིས་རང་མཐོར་གཏོང་བྱེད་པ་བཅས་ཀྱི་རང་རྟོགས་ཆེན་པོ་གང་ལེགས་མངོན་པར་བྱས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་འབད་འབུངས་ཡར་བརྩོན་བྱེད་པའི་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་གསར་བརྗེའི་འཐབ་རྩོད་ཀྱི་སྙིང་སྟོབས་གསལ་འགྲེལ་གཏིང་ཟབ་བྱས་པ་མ་ཟད། དེས་ད་དུང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་ཡང་བྱས་ཡོད་ཅེས་བསྟན་གནང་བ་རེད། 
              ཝུའུ་དབྱིང་ཅེས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཐོག་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་ཐབས་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། 
              གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་དེ་བས་བློ་བརྟན་འགྱུར་མེད་ངང“འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་དེ་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་བླང་བྱར་གོ་བ་ཡག་པོ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས། ཏང་ཡོན་ལས་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཚོར་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་དགོས། “སྲུང་སྐྱོང་གཉིས”ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཞིབ་ཚགས་དང་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་རྒྱུ་དེ་ཆབ་སྲིད་འཛུགས་སྐྱོང་གི་ལག་ལེན་གྱི་ཚད་གཞིར་བརྩིས་ཏེ་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་ལ་རྟོག་ཞིབ་བྱ་རྒྱུར་དོ་སྣང་བྱས་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་ཡིབ་ནས་བསྡད་པའི“མགོ་གཉིས་མ”དབྱེ་འབྱེད་ཀྱིས་མཐའ་གཅིག་ཏུ་ཕྱིར་འབུད་བྱེད་དགོས།
              གཉིས་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་དགོས་ཤིང་། བརྒྱུད་རིམ་ལྡན་པ་དང་། རྗེས་སྙེགས། དོན་དངོས་དང་ཟུང་འབྲེལ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དགོངས་པ་དེའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་ལྷག་བསམ་རྣམ་དག་དང་། དད་སེམས། འགན་འཁྲི། འཇོན་ཐང་། ལས་འགན། ཧུར་སེམས། སྤྱོད་གཙང་བཅས་སྦྱོང་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དར་ཆ་གསལ་སྟོན་ངང་མཐའ་འཁྱོངས་བྱེད་པ་དང་འབྲེལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། བསམ་པའི་འཚོ་བཅུད་གསབ་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས། 
              གསུམ་ནས་སྤྱོད་ཚུལ་བཟང་པོ་རྒྱུན་སྲིང་ལྷོད་མེད་ངང་དར་སྤེལ་བཏང་སྟེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས་ཤིང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། དམངས་འཚོ་སྟོན་ཕྱོགས་སུ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། བརྩེ་སེམས་བཅངས་ཏེ་མང་ཚོགས་ཀྱི་འདོད་བློ་དང་བསྟུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཆེད་ཁེ་ཕན་སྒྲུབ་པ་བཅས་ཀྱི་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་ཡོང་བ་བྱེད་དགོས། “སྤྱོད་ཚུལ་བཞི”གཏན་འགོག་བྱ་རྒྱུ་དེ་ཏང་སེམས་དང་དམངས་སེམས་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་ནན་པོ་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་མུ་མཐུད་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཟ་མཁས་འཐུང་མཁས་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ལ་རྒྱབ་སྐྱོར་གནང་བའི་དངུལ་ཚང་མ་བེད་སྤྱོད་ཡག་པོ་བཏང་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། 
              བཞི་ནས་རུལ་སུངས་ལ་རྒྱུན་སྲིང་ལྷོད་མེད་ངང་ཆད་པ་བཅད་དེ་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་ངེས་ཤུགས་དང་ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་དུ་ཐོན་པའི“རུལ་སུངས་ཙག་ཙིག”ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གོ་རིམ་ལྡན་པ་དང་ཕན་འབྲས་ལྡན་པའི་ངང་རུལ་སུངས་ལ་ཆད་པ་གཅོད་པ། རུལ་རྒོལ་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། ལྷག་པར་དུ“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ཏེ་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས། མི་སུ་འདྲ་ཞིག་དང་། གོ་གནས་མཐོ་དམན་གང་འདྲ་ཞིག ལེགས་སྐྱེས་ཆེ་ཆུང་ཇི་འདྲ་ཞིག་བཅས་གང་ལའང་མི་བལྟོས་པར་རུལ་སུངས་ཀྱི་གནད་དོན་དང་འབྲེལ་བ་ཡོད་ཚེ་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་པ་ལས་ཐར་པ་གཏན་ནས་གཏོང་མི་རུང་།
              ལྔ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཆེད་དོན་བཅོས་སྒྲིག་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་རོགས་འདེགས་བྱེད་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲིའི་གནོན་ཤུགས་རྒྱུན་ཆད་མེད་པར་བརྒྱུད་སྤྲོད་བྱས་ནས་དམངས་ཁེ་དམངས་ཕན་གྱི་སྲིད་ཇུས་དང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོན་ཐོག་ཏུ་དངོས་འབྲེལ་འཁྱོལ་བ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ལྐོག་ཟ་སྒེར་སྤྱོད་དང་། བཀག་ཉར་ལྐོག་བགོས། རྫུན་ཞུ་གཡོ་ལེན། ཉེ་དགའ་ཕྱོགས་ཞེན། ཁེ་བཟང་ཟ་གང་ཐུབ་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ནན་པོ་དང་ཏན་ཏིག་མཐའ་འཁྱོངས་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། 
              དྲུག་ནས་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་རྒྱུན་སྲིང་ལྷོད་མེད་ངང་གཏིང་ཟབ་ཏུ་བཏང་ནས་ལས་དོན་མཉམ་སྒྲུབ་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་ལ་བསྒྱུར་དགོས་ཤིང་། ཏང་གི་འགོ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ“གྲུབ་འབྲས་ལ་འགོ་ཁྲིད་བྱེད་པ”དེ“བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་པར”བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ལ་ལྟ་སྐུལ་བྱེད་པའི་མངགས་སྡོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་ལྟ་སྐུལ་བྱེད་པའི་མངགས་སྡོད་ལས་དོན་ཡོངས་སུ་ཁྱབ་རྒྱུར་གཟབ་ནན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་དང་ཁྲིམས་ལུགས་འབྲེལ་མཐུད་དང་ཁྲིམས་ལུགས་ཁག་འབྲེལ་མཐུད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཕན་འབྲས་ཆེན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། 
              བདུན་ནས་ཆབ་སྲིད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ནན་ཏན་ངང་སྒྲུབ་དགོས་ཤིང་། བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི“སྣེ་ཁྲིད་པ”ཡག་པོ་བྱས་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི“ཐབས་རྣམ་བཞི”ཡག་པོ་སྤྱོད་དགོས། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་སྒྲིག་ཁྲིམས་ནན་གཏོང་གི་བླང་བྱ་ཏང་ཡོན་ལས་བྱེད་པར་རྒྱུན་དུ་ལྟ་སྐུལ་དང་དོ་དམ་བྱེད་པའི་ནང་དོན་འཁྱོལ་བྱེད་དགོས། ལས་བྱེད་པར་འགན་ཁུར་ལས་སྒྲུབ་བྱ་རྒྱུའི་ལྕག་སྐུལ་བྱེད་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་ཆེ་རུ་གཏོང་དགོས་པ་བཅས་རེད། 
              ཚོགས་འདུའི་ཐོག་ཝང་གཡུང་ཅུན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་འགོ་བརྗོད་དུ《བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་དང་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད། 
              ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།