ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་སྣེའུ་ཤར་ཟམ་ཆེན་ཟླ་འདིའི་ཟླ་མཇུག་ཏུ་དངོས་སུ་ཤར་གཏོང་ཐུབ་རྒྱུ་དང་སྟོད་ལུང་ནས་སྣེའུ་བར་སྐར་མ་ཁ་ཤས་ལས་འགོར་གྱི་མེད།

སྤེལ་དུས 2018-12-06ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། འགྲོ་ལམ་ཡག་པོ་ཞིག་གིས་གྲོང་ཁྱེར་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོགས་སུ་བཏང་ཐུབ་ལ། འགྲོ་སྐྱོད་སྟབས་བདེ་བའི་ཟམ་པ་ཞིག་གིས་མི་སེར་ཕྱིར་སྐྱོད་རྒྱུར་ནུས་ལྡན་གྱི་འགན་ལེན་མཁོ་འདོན་བྱེད་ཐུབ། ལྷ་ས་གྲོང་ཁྱེར་གྱི་ལྷོ་སྐོར་ལམ་དང་ནུབ་སྐོར་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྣེའུ་ཤར་ཟམ་ཆེན་གྱི་རྣམ་གྲངས་ལེགས་སྒྲུབ་ཐུབ་གྲབས་ཡོད། མིག་སྔར་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་ཡོད་པས་སྔོན་དཔག་བྱས་ན་ཟླ་བཅུ་གཉིས་པའི་ཟླ་མཇུག་དུ་ཤར་གཏོང་ཐུབ་རྒྱུ་རེད།
            ཟླ་12ཚེས་3ཉིན་གྱི་ཉིན་དགུང་གསར་འགོད་པས་རླངས་འཁོར་བཏང་ནས་ལྷོ་སྐོར་ལམ་བརྒྱུད་ནུབ་ཀྱི་ཕྱོགས་སུ་སྐྱོད་པ་ཡིན། དུས་ཡུན་ཏོག་ཙམ་ལས་མ་འགོར་བར་འཛུགས་སྐྲུན་བྱེད་བཞིན་པའི་སྣེའུ་ཤར་ཟམ་ཆེན་མཐོང་བྱུང་། འཛུལ་སྒོ་བཀག་ནས་འགྲོ་སྐྱོད་བྱེད་མི་ཆོག་པས་འགྲམ་གྱི་སྟབས་བདེའི་ལམ་ནས་རླངས་འཁོར་འགའ་ཞིག་མུ་མཐུད་ནུབ་ཕྱོགས་སུ་བསྐྱོད་བཞིན་ཡོད། ཟམ་ངོས་སྟེང་དུ་ལས་གྲྭའི་རླངས་འཁོར་ཁ་ཤས་ལས་ཀ་བྱེད་བཞིན་ཡོད་པ་དང་བཟོ་པས་མི་བསྐྱོད་ལམ་དང་ལམ་ངོས་ཀྱི་ཨར་ལས་བྱེད་བཞིན་ཡོད་པ་མ་ཟད་ཟམ་པའི་འོག་གི་ཟམ་ངོས་ལ་ཚོན་རྩི་བྱུགས་པའི་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད།
            “ཟམ་ཆེན་གྱི་གཙོ་བོའི་ལས་གྲྭ་དང་། བར་གཅོད་སྔོ་འགྱུར་ཁུལ་སོགས་ཀྱི་ལས་དོན་ཆ་ཚང་ལེགས་གྲུབ་ཟིན་པ་དང་། ད་དུང་ལམ་ངོས་ལ་ལར་སྣུམ་ནག་བཏིང་རྒྱུ་ལས་ལུས་མེད།” སྣེའུ་ཤར་ཟམ་ཆེན་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་ཆེན་མོ་ལི་ཡཱ་ཅུན་གྱིས། སྣེའུ་ཤར་ཟམ་ཆེན་རྣམ་གྲངས་ཇུས་འགོད་ཀྱི་སྤྱིའི་རིང་ཚད་ལ་སྨི་2755ཡོད་པ་དང་། ཟམ་པའི་ཞེང་ཚད་ལ་སྨི་31ཡོད་པ། ཟམ་གདན་གཙོ་བོ་གསུམ་ལ་དབྱེ་ཡོད་པ། ད་དུང་སྦྲེལ་ལམ་4ཡོད་པས་མི་རྣམས་ཟམ་པའི་སྟེང་འོག་ཏུ་འགྲོ་བའི་བགྲོད་ལམ་རེད། མིག་སྔར་ཟམ་ཆེན་དེར་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད། འོན་ཀྱང་སྔོན་དཔག་བྱས་ན་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་ལས་གྲྭ་ཚང་མ་ལས་མཇུག་འགྲིལ་ནས། ཞིབ་བཤེར་རྩིས་ལེན་ཐོབ་རྗེས་གཞི་ནས་དངོས་སུ་རླངས་འཁོར་ཤར་གཏོང་བྱ་རྒྱུ་རེད།
            སྣེའུ་ཤར་ཟམ་ཆེན་ནི་སྣེའུ་ཁུལ་གསར་དང་སྟོད་ལུང་བདེ་ཆེན་ཆུས་དབར་གྱི་འགྲོ་ལམ་གལ་ཆེན་ཞིག་ཡིན་པ་དང་། ཇུས་འགོད་མྱུར་ཚད་60kmཡིན་པ།  ཕྱོགས་གཉིས་ལ་རླངས་འཁོར་དྲུག་བསྐྱོད་ཐུབ་པས་ཤར་གཏོང་ཐུབ་རྗེས་མི་རྣམས་ཀྱི་འགྲོ་སྐྱོད་དུས་ཚོད་དང་ཕྱིར་སྐྱོད་ཀྱི་མ་གནས་ཆུང་དུ་འགྲོ་རྒྱུ་རེད། ཕྱི་དྲོའི་ཆུ་ཚོད་3པར། སྣེའུ་ཤར་ཟམ་ཆེན་གྱི་རྣམ་གྲངས་སྤྱི་ཁྱབ་བཟོ་བཀོད་ཆེན་མོའི་ཆོག་མཆན་ཐོབ་རྗེས་། གསར་འགོད་པ་རླངས་འཁོར་བསྡད་ནས་སྣེའུ་ཤར་ཟམ་ཆེན་ཐོག་བསྐྱོད་པ་ཡིན། དེའི་ཐོག་སྐྱོད་པའི་ཚོར་སྣང་དང་པོ་ནི་མིག་རྒྱང་ཡངས་ལ་བདེ་བ་དང་། སྣེའུ་ཤར་ཟམ་ཆེན་ནས་ཐོན་རྫེས་མིག་ལམ་དུ་འཆར་བ་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་ཡིན་པ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། སྣེའུ་ཤར་ཟམ་ཆེན་ནི་ཨེ་ཤེ་ཡའི་ཉི་འོད་བརྗོད་དོན་གཙོ་བོར་བྱས་པའི་སྒོར་དབྱིབས་དམའ་ལྕོག་གཞོགས་འཐེན་ཟམ་པ་དང་པོ་དེ་ཡིན་ཞིང་།  ཟམ་པའི་ཇུས་འགོད་ཐད་ལྷ་སའི་ས་གནས་ཀྱི་རིག་གནས་ཁྱད་ཆོས་གཙོར་བཟུང་བྱས་ཡོད། "གནས་མཆོག་གྲོང་ཁྱེར་གྱི་ཉི་འོད"བསམ་བཀོད་དུ་བྱས་ནས། "ནུས་ཚད་འོད་གོར"གཟུགས་སུ་བཀོད་པའི་ཟམ་ལྕོག་5བཙུགས་ཡོད་པ་དང་། སྐྱི་སྲབ་ཉི་ནུས་མ་ལག་སྤྱོད་པས་ཟམ་ཆེན་གྱི་མཚན་ལྗོངས་གློག་སྒྲོན་ལ་གློག་ཤུགས་མཁོ་འདོན་བྱེད་ཀྱི་ཡོད། མ་ལག་དེར་ཕན་ནུས་ལྡན་པའི་ངང་འོད་གློག་བརྗེ་བསྒྱུར་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། སྟབས་བདེ་བཅས་ཀྱི་དགེ་མཚན་ལྡན་པས་ས་སྲོས་ཀྱི་དུས་སུ་ཚོན་མདོག་སྣ་ལྔས་བརྒྱན་པའི་གློག་སྒྲོན་གྱི་འོད་གུར་འོག་ཁྱེད་ཀྱིས་བཀྲག་མདངས་རབ་ཏུ་འཚེར་བའི་ཟམ་ཆེན་ཧྲིལ་པོའི་མཛེས་ལྗོངས་མཐོང་ཐུབ་ཀྱི་ཡོད།