ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2018ལོའི་དགུན་དུས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་དང་གནད་སྨིན་དབུལ་སྒྲོལ་གྱི་ཆེད་དོན་ལས་བསྡུའི་འདུ་འཚོགས་སྤེལ་རྒྱུ་རེད།

སྤེལ་དུས 2018-12-06ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་4ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་གསལ། སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་མཐཪ་ཕྱིན་སློབ་མ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཆེད། ཟླ་12པའི་ཚེས་8ཉིན། “དབུལ་སྐྱོར་དཀའ་སེལ་དང་། ལས་ཞུགས་སྔོན་འགྲོ། ལས་གནས་གསར་བ་བསྐོ་བཞག་བྱེད་པ་དང་ཕུགས་འདུན་དོན་གཉེར”ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་2018ལོའི་དགུན་དུས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་དང་གནད་སྨིན་དབུལ་སྒྲོལ་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་དེ་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་སྒོ་རའི་ནང་དུ་སྤེལ་རྒྱུ་རེད། སྐབས་དེར། ལྷ་ས་གྲོང་ཁྱེར་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་ཐོན་སློབ་མས་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་ལས་བསྡུའི་འདུ་འཚོགས་སུ་ཞུགས་ཆོག
          གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་12པའི་ཚེས་8ཉིན་སྤེལ་བའི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དགུན་དུས་ཀྱི་ཤེས་ལྡན་མི་སྣའི་ལས་བསྡུའི་འདུ་ཚོགས་ཆེ་གྲས་དེའི་དམིགས་ཡུལ་ནི་ནང་ཞུགས་ཁེ་ལས་དང་། གནད་སྨིན་དབུལ་སྐྱོར་གྱི་བཟོ་སྐྲུན་ལ་རམ་འདེགས་བྱས་ཏེ་བོད་ལྗོངས་ཐེམ་ཁུངས་ཀྱི་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་གི་མཐར་ཕྱིན་སློབ་མ་དང་ནུས་ལྡན་སྒོས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཏོང་བར་སྐུལ་འདེད་གཏོང་བའི་མི་སྣའི་ལས་ཞུགས་ཀྱི་གནད་དོན་མགྱོགས་མྱུར་སྒོས་ཐག་གཅོད་བྱ་རྒྱུ་དང་། ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་ཆེད་དུ་མིག་དཔེ་སྟོན་དགོས། 
          “ཟླ་12པའི་ཚེས་4ཉིན་བར་དུ། ཀྲུའུ་པ་ཅེ་དྲ་བའི་བོད་ལྗོངས་ཡན་ལག་ཀུང་སི་དང་། བོད་ལྗོངས་ཝེ་ཤིན་ཁང་སྨན་རྫས་མ་རྐང་ཚད་ཡོད་ཀུང་སི། བོད་ཀྱི་ཡིག་ཚིགས་འགུལ་སྐྱོད་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་སྣོད་བཅུད་བོད་སྨན་སྨན་དཔྱད་ཟླ་བའི་རྒྱལ་པོ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་མི་བཀོལ་མཁན་སྡེ་ཚན་53ལྷག་གིས་ལས་བསྡུའི་འདུ་ཚོགས་སུ་མིང་ཐོ་བཀོད་དེ་ནང་དུ་ཞུགས། སྐབས་དེར། བྱ་གཞག་སྡེ་ཚན་ཁ་ཤས་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་གླིང་ཁུལ་གྱི་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་དང་། གླིང་ཕྱིའི་ཁེ་ལས་དང་བྱ་གཞག་སྡེ་ཚན་ཡང་ལས་བསྡུའི་འདུ་ཚོགས་སུ་ཞུགས་རྒྱུ་རེད། མི་བཀོལ་ལས་གནས་སུ་ནོར་དོན་དང་འབྲེལ་བ་ཡོད་པའི་རིགས་དང་། ཐོན་རྫས་ཞིབ་སྤེལ་དང་། ཁྲིམས་དོན་རྣམ་གྲངས་དོ་དམ་དང་། མི་ཤུགས་ཐོན་ཁུངས་ཀྱི་དོ་དམ། ཉོ་སྒྲུབ། དྲུང་ཡིག སྤུས་ཚད་དོ་དམ། དྲ་རྒྱ་དོ་དམ་དང་། བྲིན་འཚོང་། མཁོ་མཁན་ཞབས་ཞུ་སོགས་རྣམ་གྲངས་དང་ཆེད་ལས་50ལྷག་ཙམ་དང་འབྲེལ་བ་ཡོད”ཅེས་ད་རེས་ཀྱི་ལས་བསྡུ་འདུ་ཚོགས་ཀྱི་འགན་འཁུར་བའི་བོད་ལྗོངས་མི་ཤུགས་ཐོན་ཁུངས་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བྱེད་མི་སྣ་ལིའུ་ཀྲེན་ཁྲེང་གིས་དེ་ལྟར་བཤད། 
          ལིའུ་ཀྲེན་ཁྲེང་གིས་བསྟན་དོན། ན་ནིང་གཉེར་བའི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སློབ་ཆེན་སློབ་མའི་ལས་ཞུགས་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་བསྡུའི་འདུ་ཚོགས་སྟེང་། ཁྱོན་བསྡོམས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཞིང་འབྲོག་པ་800ལྷག་ཙམ་ཡོང་སྟེ་ལས་ཀ་བཙལ་ཞིང་། མཐར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཞིང་འབྲོག་པ་90% གྱིས་མི་སྤྱོད་ཚན་པའི་དབར་འདོད་མཐུན་རགས་ཙམ་བྱུང་བ་དང་། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་མ་300ལྷག་ཙམ་ན་ནིང་གི་ལས་བསྡུ་འདུ་ཚོགས་སུ་ཞུགས་ཏེ་མི་སྤྱོད་ཚན་པ་དང་ལས་ཞུགས་བསམ་འདུན་རགས་ཙམ་ཟིན་པས་བརྒྱ་ཆའི་80ཟིན།