ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ།

སྤེལ་དུས 2018-12-06ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཐེངས་CA4401བདེ་བླག་ངང་སར་བབས།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ12ཚེས4ཉིན་གྱི་སྔ་དྲོར།   ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཐེངས་CA4401བདེ་བླག་ངང་སར་བབས་པ་དང་བསྟུན།  དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ད་ལོ་འགྲུལ་པ་མི་གྲངས་ཁྲི500སྐྱེལ་འདྲེན་བྱེད་པའི་འགན་ཁུར་འགྲུབ་པ་དང་།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན།
            དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་བོད་ལྗོངས་སུ་འཕུར་བསྐྱོད་བྱས་པ་ནས།   སྔ་ཕྱི་བར་གསུམ་དུ་“མི་དམངས་མཁའ་འགྲུལ་གྱིས་མི་དམངས་ཆེད་དོན་གཉེར་བྱེད་པའི་”འདུ་ཤེས་རྒྱུན་འཛིན་དང་ལག་བསྟར་བྱས་ནས།   བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།   དམངས་འཚོ་ལེགས་བཅོས།   སྤྱི་ཚོགས་འཆམ་མཐུན།  མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གཏོང་བ།   སྣོད་བཅུད་འཛུགས་སྐྱོང་སོགས་ཀྱི་ཐད་བྱས་རྗེས་གཟེངས་སུ་ཐོན་པ་ཕུལ་ཡོད།   སྤྱི་ཚོགས་ལས་རིགས་ཁག་གིས་མཁའ་ཐོག་གི་“སྲོག་སྐྱོབ་ལམ་ཐིག་”དང་སྐྱེལ་འདྲེན“འགན་ལེན་ལམ་ཐིག”   མི་རིགས་“མཐུན་སྒྲིལ་གྱི་ལམ་ཐིག”  སྤྱི་ཚོགས་“འཕེལ་རྒྱས་ཀྱི་ལམ་ཐིག་”ཅེས་ཡོངས་ཁྱབ་ཀྱིས་བསྔགས་བརྗོད་བྱེད།
 དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་པད་སྒྲོན་གྱིས་(གཡས་)འགྲུལ་པ་ཁྲི་500པ་བསོད་ནམས་བདེ་སྐྱིད་(གཡོན་)ལ་མེ་ཏོག་ཕུལ།
            1965ལོའི་ཟླ3པར།   པེ་ཅིང་~ཁྲེང་ཏུའུ~ལྷ་ས་བཅས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་།   བོད་ལྗོངས་མི་དམངས་ཀྱིས་མཁའ་ཐོག་ནས་འགྲོ་འོང་བྱེད་འདོད་པའི་རེ་སྨོན་མངོན་འགྱུར་བྱུང་སྟེ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཚར་ལོངས་དང་འཕེལ་རྒྱས་ཀྱི་ལམ་དུ་ཞུགས།
            བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན།  དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྟེང་གི་བཀོད་པ་དང་རྨང་གཞིའི་འཛུགས་སྐྲུན་གཉིས་ཀྱི་ཐད་ཤུགས་ཆེན་པོ་བརྒྱབ་ནས།   རྨང་གཞིའི་འཛུགས་སྐྲུན་ཟམ་མི་ཆད་པར་བརྟན་དུ་བཏང་།   བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གནམ་གྲུ་ཐང་གི་བཀོད་པ་འཐུས་ཚང་དུ་སོང་།   མཁའ་ལམ་གྱི་དྲ་རྒྱ་རྒྱ་བསྐྱེད་བཏང་།   མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལས་གཉེར་མི་སྣའི་ལས་ཀའི་ནུས་པ་དང་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་།   ལས་དོན་ཚད་ལྡན་གྱིས་དོ་དམ་བྱེད་པ་ཟམ་མི་ཆད་པར་སྐུལ་འདེད་བཏང་།   སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་ལེན་དོན་འཁྱོལ་བྱས།   ལག་རྩལ་གྱི་ཆུ་ཚད་གསར་གཏོད་བཅས་བྱས་པས་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཕྱིན།   
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཐེངས་འདིའི་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣའི་དྲན་རྟེན་མཉམ་པར་བླངས།
            མིག་སྔར། བོད་ལྗོངས་ལྷ་སའི་གོང་དཀར་དང་ཆབ་མདོའི་སྤང་མདའ།   ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་།   མངའ་རིས་ཀྱི་དགུན་ས།   གཞིས་རྩེའི་ཞི་བདེ་བཅས་སྐྱེལ་འདྲེན་བྱེད་བཞིན་པའི་གནམ་ཐང་5དང་།   གཞིས་རྩེའི་དིང་རི་སོགས་གནམ་ཐང་3འཛུགས་སྐྲུན་བྱེད་བཞིན་ཡོད།   གནམ་གྲུར་སྒུག་སའི་ཐོག་བརྩེགས་ཁང་ཆེན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་40000དང་།   གནམ་གྲུ་འཕུར་གཏོང་བྱེད་བཞིན་པའི་མཁའ་འགྲུལ་ཀུང་སུ10།   མཁའ་འགྲུལ་ལམ་ཐིག་88།   གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་47།   ཉིན་རེར་གནམ་གྲུ་འགྲོ་འོང་བྱེད་ཚད་མཐོ་ཤོས་ཐེངས་130ཡིན།
            དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ཀྱི་ཅུད་ཀྲང་པད་སྒྲོལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་རྒྱུར།   ལོ་རེར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500བརྒལ་བ་ནི།   དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་འཕེལ་རྒྱས་ཁྲོད་ཀྱི་རྡོ་རིང་ལྟ་བུ་ཞིག་ཡིན་ལ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བ་ལ་ཕུལ་བའི་རྟེན་འབྲེལ་གྱི་ལེགས་སྐྱེས་ཆེས་བཟང་པོ་ཡིན།
            པད་སྒྲོལ་གྱིས་བརྗོད་རྒྱུར།   མ་འོངས་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ་བ་དེ་ལམ་སྣེ་གསར་པ་ཞིག་ཏུ་བརྩིས་ནས།   “མི་དམངས་མཁའ་འགྲུལ་ཀྱིས་མི་དམངས་ཀྱི་ཆེད་དོན་གཉེར་བྱེད་པའི”འདུ་ཤེས་བརྟན་པོར་བཅངས་པ་དང་།   དམངས་སྤྱོད་མཁའ་འགྲུལ་ཀྱིས་རྒྱལ་ཁབ་ལ་སྲི་ཞུ་བྱེད་པའི་ཐོག་མའི་བསམ་འདུན་མི་བརྗེད་པར།   མྱུར་ཚད་ལྡབ་འགྱུར་གྱིས་ཁོངས་གཏོགས་ཁུལ་གྱི་དམངས་སྤྱོད་གནམ་གྲུ་འབབ་ཐང་གི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།   མུ་མཐུད་དུ་གནམ་གྲུ་ཐང་གི་ཁྱབ་ཚད་འཐུས་ཚང་དུ་གཏོང་བ།   ལེ་ལག་སྒྲིག་བཀོད་ལེགས་སུ་གཏོང་བ།   མཁའ་ལམ་དོ་དམ་སྒྲིག་བཀོད་བསྒྱུར་བཀོད།   ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཤུགས་བསྐྱེད་བྱེད་པ།   བརྡ་སྐྱེལ་ཕྱོགས་སྟོན་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།   མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་འཕྲལ་བསྟུན་རོགས་སྐྱོབ་བྱེད་ནུས་ཆེ་རུ་བཏང་ནས།   བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ཐད་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་བསྐྲུན་དགོས།