ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀན་ལྷོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གསུམ་པེ་ཅིང་ཐེན་ཐན་སྨན་ཁང་དུ་བསྐྱོད་ནས་རིན་མི་དགོས་པར་སྨན་བཅོས་བྱེད།

སྤེལ་དུས 2018-11-08ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དབུན་ཁྲོན་རྫོང་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་30ལྷག་ཕ་མ་དང་སྨན་དོན་མི་སྣའི་ཕེབས་རོགས་འོག པེ་ཅིང་དུ་སླེབས་ནས་རིན་མེད་གཤགས་བཅོས་ཀྱི་རོགས་སྐྱོབ་ཐོབ། དེའི་ཁྲོད་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་”པའི་སྒྲིག་འཛུགས་ཨུ་ལྷན་དང་སྨན་ཁང་གིས་ཀན་ལྷོ་ཁུལ་བཱ་རྩེ་རྫོང་གི་ཕྲུ་གུ་3དང་ཁྱིམ་མི་བཅས་རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་དུ་བཀོད་སྒྲིག་བྱས་ཏེ་སྨན་བཅོས་བྱེད་བཞིན་ཡོད།
རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེ་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཞའོ་ཧྲུའུ་ཕིན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པས།
             རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཞའོ་ཧྲུའུ་ཕིན་གྱིས་བརྗོད་རྒྱུར། “རིམ་པ་གསུམ་པའི་ཀ་པའི་ཕྱོགས་བསྡུས་སྨན་ཁང་ཞིག་གི་ངོས་ནས། པེ་ཅིང་ཐེན་ཐན་སྨན་ཁང་གནས་གསར་བར་སྤོས་རྗེས་སྙིང་ཁྲག་ཕྱི་བཅོས་ཚན་ཁག་དུ་ཆེད་མཁས་མི་སྣ་རྩེ་གྲ་གདན་འདྲེན་བྱས་ཡོད། ཐེངས་འདིར་ངེད་སྨན་ཁང་གིས་ཀན་ལྷོ་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གསུམ་སྣེ་ལེན་གཤགས་བཅོས་བྱ་དགོས་པ་དང་། ང་ཚོའི་སྨན་ཁང་གི་སྨན་པས་འབད་བརྩོན་དང་། བྱིས་པའི་ཁྱིམ་བདག་གི་རམ་འདེགས་འོག ཕྲུ་གུ་གསུམ་གྱི་སྙིང་ཁམས་བདེ་ཐང་ངང་ཀན་ལྷོར་ལོག་ཐུབ་པར་ང་ལ་ཡིད་ཆེས་ཡོད།”
ཀན་ལྷོ་ཁུལ་བཱ་རྩེ་རྫོང་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གསུམ་དང་ཁྱིམ་མི་བཅས་ཐེན་ཐན་སྨན་ཁང་དུ་འབྱོར།
             པེ་ཅིང་ཐེན་ཐན་སྨན་ཁང་གི་སྙིང་ནད་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཞུས་ཏུང་གིས་ངོ་སྤྲོད་བྱས་དོན། “ཐེངས་འདིར་ང་ཚོས་མི་མངགས་ནས་ཀན་ལྷོ་ཁུལ་མངགས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚོ་ཞིབ་བཤེར་བྱས། ་པའི་ལས་ཀ་གཙོ་བོ་ནི་བྱིས་པ་གང་དག་ལ་བཤགས་བཅོས་བྱ་ཆོག་མིན་གཏན་འཁེལ་བྱེད་པ་རེད།བྱས། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་པས་ང་ཚོས་གཤགས་བཅོས་བྱ་འཚམ་པའི་བྱིས་པ་རྣམས་པེ་ཅིན་དུ་བསུས། ཁོ་ཚོར་ཆེས་ཡག་ཤོས་དང་ཆེས་བདེ་འཇགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཆེད་ང་ཚོས་སྨན་ཁང་གིས་གྲ་སྒྲིག་གང་ལེགས་བྱས་ཡོད། བྱིས་པ་རྣམས་སྨན་ཁང་དུ་བསྡད་རྗེས་སྔོན་ལ་གཤག་བཅོས་མ་བྱས་སྔོན་གྱི་ཞིབ་བཤེར་དང་ནད་རྟགས་ངོས་འཛིན། གྲ་སྒྲིག་ལས་ཀ་སྒྲུབ་སྟེ། གཟའ་འཁོར་རྗེས་མར་བཤགས་བཅོས་འགྲུབ་རྗེས་ཁོ་ཚོ་བདེ་འཇགས་ངང་ཕ་ཡུལ་དུ་ལོག་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན།”
ཀན་ལྷོ་ཁུལ་བཱ་རྩེ་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གསུམ་སྨན་ཁང་དུ་གཤགས་བཅོས་བྱེད་པར་སྒུག་ཡོད།
             རྒྱུས་ལོན་ཚུལ་བྱུང་བ་ལྟར་ན། རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་སོགས་སྨན་བཅོས་སུ་ཞུགས་པའི་ཆེད་མཁས་10དང་སྨན་བཅོས་ལས་ཁུངས་ཚང་མས་གྲ་སྒྲིག་ཞིབ་ཚགས་བྱས། སྨན་ཁང་ནང་ཁུལ་གྱི་ཆེད་ལས་མཁས་ཅན་རྩ་འཛུགས་བྱས་ཏེ་བྱིས་པར་མཉམ་འདུས་བརྟག་དཔྱད་དང་། གཤགས་བཅོས་འཆར་གཞི་ཞིབ་ཚགས་གཏན་འབེབས་བྱས་པ་ཕུད། བོད་རིགས་ཕྲུ་གུའི་སྐད་བརྡ་མི་འཕྲོད་པར་དམིགས་ནས་ཉལ་ཁྲིའི་གནས་ཚུལ་ཅུང་ཛ་དྲག་ཆེ་བའི་དཀའ་ཁག་ཁྱད་བསད་ཀྱིས་ནད་ཁང་གཅིག་ཆེད་དུ་བཀོད་སྒྲིག་བྱས། ཁྱིམ་བདག་གིས་སྨན་ཁང་དུ་ནད་གཡོག་བྱེད་པ་ཆོག་པ་མ་ཟད། ནད་ཁང་རེ་རེར་ཕུལ་དུ་བྱུང་བའི་ནད་གཡོག་མི་སྣ་བཀོད་སྒྲིག་བྱས་ནས། གཤགས་བཅོས་ལེགས་འགྲུབ་འབྱུང་བར་འགན་ལེན་བྱས་ཡོད།